关于公开征集白玛东周、尕玛格来
分别为首犯罪团伙涉嫌违法犯罪线索的通告
近期,玉树州公安机关破获以白玛东周和尕玛格来为首的两个犯罪团伙,抓获白玛东周、丁增文江、巴丁旦周、切保才仁、尕玛代来、马学远、马殿元、索南卓尕、刘志华9名犯罪嫌疑人和尕玛格来、才旺昂嘉、索南文江、尼夏才仁、尕玛旺索、索布、文扎、森拉8名犯罪嫌疑人。经依法侦查,以白玛东周、尕玛格来为首的两个犯罪团伙,自2011年以来在玉树涉嫌敲诈勒索、非法侵入住宅、开设赌场、非法拘禁、聚众斗殴等违法犯罪行为。
为了深入推进扫黑除恶专项斗争,彻底查清白玛东周、尕玛格来两个犯罪团伙的违法犯罪事实,铲除社会毒瘤、净化社会环境、维护人民群众的合法权益,现向社会征集两个犯罪团伙涉嫌危害国家安全、开设赌场、寻衅滋事、敲诈勒索、非法拘禁、聚众斗殴、高利放贷、暴力讨债、软暴力讨债等破坏社会稳定、为非作恶、欺压百姓、扰乱经济社会秩序的违法犯罪线索,希望广大知情群众积极提供相关线索,特别是受到不法侵害的受害人,请主动到公安机关报案,维护自身合法权益,协助公安机关侦办案件。同时,公安机关敦促涉案犯罪嫌疑人主动投案自首,对于投案自首和检举立功的犯罪嫌疑人,将建议司法机关依法从轻、减轻或免予刑事处罚。
公安机关对举报人身份严格保密,对举报线索一经查实,将按照《青海省举报黑恶势力犯罪线索奖励实施办法》和《玉树州扫黑除恶专项斗争线索举报奖励公告》的规定予以奖励。对包庇、纵容犯罪分子或恶意举报、陷害他人的,将依法追究其法律责任。对举报人进行打击报复的,将依法从严惩处。
举报地址
玉树州公安局
联系人
马警官
江警官
玉树州公安局
2019年4月22日
པདྨ་དོན་འགྲུབ་དང་ཀརྨ་དགེ་ལེགས་གཉིས་ཀྱི་ཉེས་བསགས་ཚོགས་ཁག་གི་
ཉེས་བསགས་ཁུངས་སྣེ་འཚོལ་སྡུད་སྐོར་གྱི་བརྡ་སྦྱོར།
ཉེ་ལམ།ཡུའུ་ཧྲུའུ་ཁུལ་སྤྱི་བདེ་ལས་ཁུངས་ཀྱིས་པདྨ་དོན་གྲུབ་དང་ཀརྨ་དགེ་ལེགས་གཙོ་བྱས་པའི་ནག་ཉེས་ཚོགས་པ་གཉིས་བདེ་ལེགས་ངང་གཏོར་བ་ཡིན།ཚོགས་པ་གཅིག་ལ་པདྨ་དོན་འགྲུབ་དང་།བསྟན་འཛིན་དབང་རྒྱལ།དཔལ་ལྡན་དོན་འགྲུབ།ཆུ་པུག་ཚེ་རིང་།ཀརྨ་བདེ་ལེགས།མཱ་ཞའེ་ཡོན་དང་།མ་ཏེན་ཡོན།བསོད་ནམས་སྒྲོལ་དཀར།ལིག་ཀྲི་ཧྭ་བཅས་དོགས་ཡོད་ཉེས་ཅན་མི་སྣ་དགུ་དང་།ཚོགས་པ་གཅིག་ཤོས་ལ་ཀརྨ་དགེ་ལེགས་དང་།ཚེ་དབང་རྣམ་རྒྱལ།བསོད་ནམས་དབང་རྒྱལ།ཉི་སྐྱབས་ཚེ་རིང་།ཀརྨ་དབང་ཕྱུགབསོད་པུགདབང་གྲགས།སེང་ལྷ་བཅས་དོགས་ཡོད་ཉེས་ཅན་མི་བརྒྱད་ཡོད།ངེད་ལས་ཁུངས་ཀྱིས་ཁྲིམས་ལྟར་མྱུལ་ཞིབ་བརྒྱུད།པདྨ་དོན་འགྲུབ་དང་ཀརྨ་དགེ་ལེགས་གཙོ་བྱས་པའི་ཉེས་བསགས་ཚོགས་ཁག་གཉིས་ཀྱིས་སྤྱི་ལོ་༢༠༡༡་ལོ་ནས་བཟུང་།ཡུའུ་ཧྲུའུ་ས་ཁུལ་ནས་གཞན་ལ་བསྙད་བཙུགས་ནས་བཙན་གྱིས་རྒྱུ་ནོར་ལེན་པ་དང་།ཁྲིམས་འགལ་གྱིས་གཞན་གྱི་སྡོད་ཁང་དུ་འཛུལ་བ།ཤོ་ཁང་འཛུགས་པ།ཁྲིམས་འགལ་བཀག་ཉར་དང་།ཁྲོམ་འདུས་རྒྱག་འཛིང་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་མི་ལས་དགུ་ལས་བྱས་པ་གསལ།
ནག་རྡུང་ངན་སེལ་གྱི་ཆེད་དམིགས་འཐབ་རྩོད་སྔར་ལས་གཏིང་ཇེ་ཟབ་ཏུ་སྤེལ་བ་དང་།པདྨ་དོན་འགྲུབ་དང་།ཀརྨ་དགེ་ལེགས་གཙོ་བྱས་པའི་ཉེས་བསགས་ཚོགས་ཁག་གཉིས་ཀྱི་ཉེས་བསགས་དོན་དངོས་རྩད་ཞིབ་གསལ་བོ་དང་།སྤྱི་ཚོགས་ཀྱི་དུག་སྐྲན་སེལ་ཞིང་སྤྱི་ཚོགས་ཀྱི་ཁོར་ཡུག་གཙང་མ་བཟོ་བ་དང་།མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་ཆེད།ད་ཆར་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་ཉེས་བསགས་ཚོགས་ཁག་གཉིས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་དང་།ཤོ་རྒྱག་རྒྱན་འཛུགས།བསྙད་བཙུགས་གནད་བསླངས།རྒྱུ་ནོར་གཡོ་སློང་།ཁྲིམས་འགལ་བཙན་བཀགམང་འདུས་རྒྱག་འཛིང་།སྐྱེད་ཆེའི་བུན་འཛུགས།རྩུབ་ཤུགས་བུན་སློང་སོགས་ཀྱིས།་སྤྱི་ཚོགས་བདེ་འཇགས་ལ་གནོད་འཚེ་དང་།ལུགས་འགལ་ངན་སྤྱོད་དང་།མིང་སེར་གཉའ་གནོན།དཔལ་འབྱོར་དང་སྤྱི་ཚོགས་སྒྲིག་ལམ་ལ་བར་ཆད་བཟོས་པའི་ཉེས་བསགས་ཁུངས་སྣེ་འཚོལ་སྡུད་བྱེད་བཞིན་ཡོད་པས།གནས་ཚུལ་ཤེས་པའི་རྒྱ་ཆེའི་མང་ཚོགས་ཀྱིས་འབྲེལ་ཡོད་ཀྱི་ཁུངས་སྣེ་མཁོ་སྤྲོད་དང་།ལྷག་པར་དུ་གནོད་འཚེ་ཕོག་མྱོང་པའི་མི་ཡོད་ན།རང་འགུལ་གྱིས་སྤྱི་བདེ་ལས་ཁུངས་ལ་ཡོང་ནས་གྱོད་དོན་ཐེར་འདོན་བྱས་ཏེ།རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་།སྤྱི་བདེ་ལས་ཁུངས་ལ་གྱོད་དོན་མྱུལ་ཞིབ་དང་རྩད་ཆོད་ཡོང་བར་རམ་འདེགས་བྱ་དགོས།དུས་མཚུངས་སུ་སྤྱི་བདེ་ལས་ཁུངས་ཀྱིས་ད་དུང་གྱོད་འབྲེལ་གྱི་དོགས་ཡོད་ཉེས་ཅན་རང་འགུལ་གྱིས་མགོ་འདོགས་པར་སྐུལ་མ་གནང་བ་ཡིན་ལ།རང་འགུལ་གྱིས་མགོ་འདོགས་པ་དང་ནག་ཉེས་ཐེར་འདོན་གྱི་བྱས་རྗེས་བཞག་པའི་དོགས་ཡོད་ཉེས་ཅན་ཡོད་ན།སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་འཛིན་སྡེ་ཁག་ལ་ཁྲིམས་ལྟར་ཉེས་ཆད་ཡང་བ་དང་ཉེས་ཆད་ཡང་འཕྲིར་གཏོང་བའམ་ཆད་མེད་གུ་ཡངས་གཏོང་པའི་གྲོས་གཞི་འདོན་ཆོག
སྤྱི་བདེ་ལས་ཁུངས་ཀྱིས་ཐེར་འདོན་མཁན་གྱི་མིང་ཐོབ་ལ་གསང་བ་དམ་ཚགས་བྱེད་པ་མ་ཟད།ཐེར་འདོན་བྱས་པའི་ཁུངས་སྣེ་རེ་རེ་བཞིན་རྩད་བཅད་དེ།《མཚོ་སྔོན་ཞིང་ཆེན་གྱི་ནག་ཚོགས་ངན་ཤུགས་ཁུངས་སྣེ་ཐེར་འདོན་ལ་བྱ་དགའ་སྟེར་བ་ལག་བསྟར་བྱ་ཐབས།》དང《ཡུའུ་ཧྲུའུ་ཁུལ་ནག་རྡུང་ངན་སེལ་ཆེད་དམིགས་འཐབ་རྩོད་ཀྱི་ཁུངས་སྣེ་ཐེར་འདོན་ལ་བྱ་དགའ་སྟེར་བའི་བརྡ་ཁྱབ།》བཅས་ཀྱི་གཏན་ཁེལ་ལྟར་བྱ་དགའ་སྟེར་རྒྱུ་ཡིན།ཉེས་ཅན་འགེབས་སྲུང་དང་གཡོ་སྐུལ་གཏོང་བའམ་བསམ་ངན་ཐེར་འདོན་གྱིས་གཞན་ལ་མ་ཉེས་ཁ་གཡོག་བྱས་རིགས་ལ་ཁྲིམས་ལྟར་ཁྲིམས་འགན་བདའ་འདེད་བྱ་རྒྱུ་ཡིན།ཐེར་འདོན་མཁན་ལ་རྡུང་རྡེག་དང་འཁོན་སློག་པའི་རིགས་ལ་ཁྲིམས་ཆད་ནན་མོ་གཅོད་ངེས་ཡིན།
ཐེར་འདོན་བྱེད་ཡུལ།
ཡུའུ་ཧྲུའུ་ཁུལ་སྤྱི་བདེ་ཅུའུ།
འབྲེལ་གཏུག་མི།
ཉེན་རྟོག་པ་མཱ།༡༨༣༠༩༧༦༠༡༡༠
ཉེན་རྟོག་པ་ཅང་།༡༥༢༠༩༧༦༥༡༡༠
ཡུའུ་ཧྲུའུ་ཁུལ་སྤྱི་བདེ་ཅུའུ།
༢༠༡༩ལོའི་ཟླ༤པའི་ཚེས༢༢ཉིན།
版权声明:本站所有作品(图文、音视频)均由用户自行上传分享,仅供网友学习交流,不声明或保证其内容的正确性,如发现本站有涉嫌抄袭侵权/违法违规的内容。请举报,一经查实,本站将立刻删除。